རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཨོསྟྲེ་ལི་ཡཱར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་སླེབས་སྐབས་བོད་མི་རྣམས་ནས་ངོ་རྒོལ་དང་། ཨོ་གླིང་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་དོན་གླེང་སློང་གནང་འདུག

དེར་ལས་འགུལ་བ་རྣམས་ནས་བོད་ཀྱི་རྒྱལ་དར་དང་། བོད་དོན་དང་འབྲེལ་བའི་འབོད་ཚིག་ཕྱེད་དར་སོགས་ཁྱེར་ཏེ་ངོ་རྒོལ་དང་སྦྲགས། ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། ངོ་རྒོལ་འདུ་འཛོམས་ཐོག་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེ་ནེཊ་ར་ཧི་སི་ལགས་ཀྱིས་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་དང་འབྲེལ་ཡོད་དཔོན་རིགས་རྣམས་ནས་རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་ལྷན་དུ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གླེང་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

Leave a Reply

Your email address will not be published. Required fields are marked *