བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་བཅས་ཨ་རིའི་སྐུ་ཚབ་དང་ལྷན་དུ་ཚོགས་འདུ་འབྲས་བུ་ལྡན་པ་ཞིག་ཚོགས་ཤིང་།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་བཅས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་ཊོམ་མེ་ལེ་ཡོན་(Tom Melia)ལགས་ནས་གྲོས་ཚོགས་འཐུས་མི་མི་ཐི་རོ་མེན་ནེའུ་ཡུན་ལགས་(Mitt Romney)ཀྱི་ཕྱི་སྲིད་སློབ་སྟོན་པ་མཐོ་ཤོས་དང་། གྲོས་ཚོགས་འཐུས་མི་ཇོ་ནི་ཨར་ནེད་ལགས་(Joni Ernst)ཀྱི་ཕྱི་སྲིད་ལས་རོགས་ཨེ་ཌམ་ཀོ་ཛ་ལའོ་སི་ཁུའུ་ནེ་(Adam Kozloski)ལགས་ཀྱིས་གཙོས་པའི་ཨ་རིའི་སྐུ་ཚབ་ལྷན་ཚོགས་དང་ནོར་གླིང་མགྲོན་ཁང་དུ་འབྲས་ལྡན་གྱི་མཇལ་འཕྲད་ཅིག་གནང་། ཨ་རིའི་སྐུ་ཚབ་ལྷན་ཚོགས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཡང་ཕེབས་ཡོད།

Leave a Reply

Your email address will not be published. Required fields are marked *