སྦེལ་ཀོབ་ས་གནས་སེར་སྐྱ་མི་མང་ལ་༼མང་གཙོ་དང་ཆིག་སྒྲིལ་༽ཞེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་ཟུང་འབྲེལ་ཐོག་གོ་སྒྲིག་དང་གཏན་ཞུས་གནང་དོན་ལྟར། ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༨ ཉིན་དཔལ་ལྡན་བོད་མི་མང་སྐུ་ངོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་ནང་ལུགས་བདེ་གཉིས་ཀྱི་སེར་སྐྱ་མི་མང་དང་། དེ་བཞིན་ཕྱོགས་བཞུག་སྤྱི་འཐུས་སྐུ་ངོ་པདྨ་བདེ་ལེགས་ལགས་དང་སྐུ་ངོ་སྤྱི་འཐུས་བསམ་བསྟན་ཆོས་སྒྲོན་ལགས་ལྷོ་སྤྱི་ཆོས་སྐུ་ངོ་འཕེལ་ཐུབ་བསྟན་ལགས་ལུགས་བདེ་ས་གནས་འགོ་འཛིན་རྣམ་གཉིས་བཅས་ཆེད་ཕེབས་གནང་ཡོད།

དཔལ་ལྡན་སྐུ་ངོ་ཚོགས་གཙོ་མཆོག་གིས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས། མི་མང་གིས་དྲི་བ་དང་བསམ་ཚུལ་བཅས་ལ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བཤད་དང་ལན་འདེབས་བཅས་གནང་ཡོད་པ་དང་།
དགོང་དྲོ་ཕྱག་ཚོད་༦ ཐོག་སེར་ར་བླ་སྤྱི་འདུ་ཁང་ནང་སེར་ར་བྱས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུག་ཐོག་དགེ་འདུན་པ་༢༠༠༠ ལྷག་ཙམ་ལ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གོང་གསལ་བརྗོད་གཞི་དང་འབྲེལ་པའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་བཅས་གནང་ཡོད།

Leave a Reply

Your email address will not be published. Required fields are marked *