བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ཚོ་དང་ལྷན་དུ་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་གཞན་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ལགས་ནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞིའི་སྐུ་ཚབ་ཚོ་དང་ལྷན་ཀུན་དགའ་གསོལ་མགྲོན་ཁང་དུ་ཕ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ཨུ་ས་ཊ་ཆི་ བྷི་རི་ནའོ་ (Senator Jacqueline Eustache-Brinio) མཆོག་དང་། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཨེལ་སི་ཇོ་སེབ་ (Senator Else Joseph) མཆོག ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨུ་ལི་ཝིར་རིཊ་མན་ (Senator Olivier Rietmann) མཆོག ལས་བྱེད་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ལས་གྲུབ་པའི་ཕ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་ཀྱིས་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་གནང་རྒྱུ་བྱུང་ཡོད།

Mr. Tashi Dhondup, President of the National Democratic party of Tibet along with representatives of Tibetan Non-governmental Organizations met with French Senate delegation comprising Senator Jacqueline Eustache-Brinio, Senator Else Joseph, Senator Olivier Rietmann, and Thierry Munier, Civil Servant in Senate today at Kunga Restaurant.

The delegation was accompanied by Jigme Dorji, staff of the Office of Tibet, Paris.

Leave a Reply

Your email address will not be published. Required fields are marked *