བདེ་སྐྱིད་གླིང་ས་གནས་དབུ་བརྙེས་ནས་ལོ་ ༢༣ འཁོར་བའི་མཛད་སྒོའི་སྐུ་མགྲོན་དུ་ཚོགས་གཙོ་དང་ཟུང་དྲུང་ཆེད་བཅར་ཞུ་ཡོད།

ཕྱི་ལོ་ ༢༠༡༨ ཟླ་༧ ཚེས་༣ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་དབུས་རྒྱུན་ཟུང་དྲུང་སྐལ་བཟང་ཕུན་ཚོགས་ལགས་གཉིས་རྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༣ འཁོར་བའི་མཛད་སྒོར་ཆེད་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་རྒྱལ་ཡོངས་མང་ཚོགས་ཚོགས་པའི་ཚོགས་གཙོ་ཚེ་བརྣ་ནོར་བུ་དང་ཟུང་དྲུང་སྐལ་བཟང་ཕུན་ཚོགས་གཉིས་ལ་ས་གནས་རྒྱུན་ལས་རྣམ་པས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས་ཡོད།

བདེ་སྐྱིད་གླིང་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་མི་ལོ་༢༣ འཁོར་པའི་མཛད་སྒོའི་སྐུ་མགྲོན་དུ་ས་གནས་འགོ་འཛིན་མཆོག་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ཚོགས་པ་ཁག་གི་སྐུ་ཚབ་མཉམ་ཞུགས་དང་འབྲེལ་སྐུ་མགྲོན་གཙོ་པོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ནས་མང་གཙོ་དང་འབྲེལ་པའི་གཏམ་བཤད་གནང་ཡོད་པ་མ་ཟད་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་གྲུབ་ཡོད། ཚོགས་དུ་གྲོལ་རྗེས་ས་གནས་རྒྱུན་ལས་དང་ཚོགས་མི་བཅས་དང་མཉམ་དུ་བོད་ཀྱི་རྒྱལ་ཡོང་མང་གཙོ་ཚོགས་པའི་དབུས་སའི་འབྲེལ་ལམ་དང་ལྷན་པར་དུ་དབུས་ས་གཉིས་ཀྱི་ངོས་ནས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་པའི་སྐོར་ལ་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་ཚོགས་གནང་ཡོད་པ་དང་།

ཉིན་རྒྱབ་དབུས་རྒྱུན་རྣམ་གཉིས་བདེ་སྐྱིད་གླིང་ས་གནས་སུ་ཡོད་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་རྒྱུན་ཚོགས་གཙོ་ཟུར་པ་དང་ཚོགས་མི་རྒན་རབས་ཁག་གཅིག་གི་ནང་ལ་དམིགས་བསལ་སྙུང་གཞི་ཁམས་འདྲི་དང་འཚམས་འདྲི་ཞུ་ཆེད་ཆེད་བཅར་ཞུས་ཡོད་པ་བཅས་ཐེངས་འདིའི་ལས་དོན་ཡོངས་ལམ་ལྷོངས་ལེགས་འགྲུབ་བྱུང་ཡོད།

Leave a Reply

Your email address will not be published. Required fields are marked *