ཟླ་འདིའི་ཚེས་ ༡༥ དང་༡༧ བཅས་སུ་ཅན་དྷི་གྷར་དང་བྷ་རོ་ཊ་ས་གནས་གཉིས་ལ་ས་རྒྱུན་གསར་བཙུགས་དང་འཕོ་ལེན་གནང་ཡོད།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་བརྟན་ནོར་བུ་དང་ཚོགས་གཞོན་ཀརྨ་གཡང་གྲུབ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་༡༥ དང་༡༧ བཅས་སུ་ཅན་དྷི་གྷར་དང་བྷ་རོ་ཊ་ས་གནས་གཉིས་སུ་ཆེད་ཕེབས་གནང་ནས་ས་རྒྱུན་གསར་བཙུགས་དང་འཕོ་ལེན་བཅས་གནང་ཡོད་པ་རེད། ཕྱི་ལོ་༢༠༡༨ ཟླ་༤ ཚེས་༡༥ རེས་གཟའ་ཉི་མ་ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཙོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཅན་དྷི་གྷར་མཐོ་སློབ་ཀྱི་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་ཚོགས་མི་དང་མཉམ་དུ་དབུས་སའི་འབྲེལ་ལམ་བྱེད་ཕྱོགས་སྐོར་ལ་བཞུགས་མོལ་ཚོགས་འདུ་དང་ས་རྒྱུན་གསར་སྙིང་འཕོ་ལེན་གྱི་ཚོགས་གཙོ་ཀུན་བཟང་ལྷ་མོ་ལགས་ནས་ཚོགས་གཙོ་གསར་བ་བསྟན་འཛིན་ཆོས་དབྱངས་ལགས་སུ་རྩིས་ལེན་རྩིས་སྤྲོད་ཀྱི་ལས་དོན་ཡོངས་ལགས་འགྲུབ་བྱུང་ཡོད།

དེ་བཞིན་ཕྱི་ལོ་༢༠༡༨ ཟླ་༤ ཚེས་༡༧ རེས་གཟའ་མིག་དམར་ཉིན་བྷ་རོ་ཊའི་བོད་མིའི་མཐོ་སློབ་ཀྱི་ས་གནས་གཞོན་ནུ་དང་སློབ་མའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ས་གནས་སུ་ཆེད་བཅར་གྱིས་མཐོ་སློབ་སློབ་མ་རྣམ་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོ་སྤྲོད་གཏམ་བཤད་དང་སྦྲགས་བྷ་རོ་ཊ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཡན་ལག་ས་གནས་གསར་བཙུགས་དང་ས་རྒྱུན་ཚོགས་གཙོ་བསྟན་འཛིན་ཆོས་འཛིན་ལགས་ཀྱི་གཙོས་ས་རྒྱུན་བསྐོ་བཞག་བཅས་ཀྱི་ལས་འཆར་ལགས་འགྲུབ་བྱུང་ཡོད།

Central Executive President and vice President of NDPT meeting with Chandigarh regional members on Aprll15, 2018

Visit of Central executive President and vice President of NDPT to Baroda University meeting with Tibetan Student Union. Founded Baroda regional NDPT on April 17, 2018 and appointed Mr. Tenzin Choezin as Baroda regional President of NDPT.

Leave a Reply

Your email address will not be published. Required fields are marked *