རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཨོསྟྲེ་ལི་ཡཱར་གཞུང་འབྲེལ་ཕྱོགས་བསྐྱོད་དུ་སླེབས་སྐབས་བོད་མི་རྣམས་ནས་ངོ་རྒོལ་དང་། ཨོ་གླིང་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་དོན་གླེང་སློང་གནང་འདུག
༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༣ ཚེས་ ༢༠ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཀེན་བྷེ་ར་རུ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་སླེབས་པའི་ཉིན་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། ཡུ་གུར་བ། ཧོང་ཀོང་བ། རྩ་རླུང་སྒོམ་སྒྲུབ་ལས་འགུལ་བ་སོགས་མི་མང་སྟོང་ཕྲག་ལྷག་གིས་ངོ་རྒོལ་སྐད་འབོད་གནང་ཡོད།