བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི། བོད་ཀྱི་མང་གཙོ་དང་ཞི་བདེའི་ལམ་སྟོན་པ་ཆེན་པོ་ ༸ རྒྱལ་དབང་སྐུ་ཕྲེང་ ༡༤ པ་མཆོག་གིས་བོད་ཀྱི་མང་གཙོ་དེ་སྲིད་དོན་ཚོགས་པའི་ལམ་ལུགས་ཡོད་པའི་མང་གཙོ་ཞིག་ལ་ཐུགས་རེ་གནང་བ་བཞིན། དེ་ཡང་ཕྱི་ལོ་ ༡༩༩༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢༡ པའི་ཐོག་བཀའ་སློབ་ཕེབས་པའི་ནང།
“ཕྱིན་ཆད་བོད་སྐྱོང་སྟངས་ཐད་ཆ་བཞག་ན་སྤྱི་ཚོགས་རིང་ལུགས་གཙོ་བོར་བྱས་པའི་མང་གཙོའི་སྤྱི་ཚོགས་ཐོག་ཕྱིན་ན་ལེགས་པ་འདུག་གམ། ཡང་ན་མང་གཙོའི་ལྟ་བ་འདྲ་མིན་སྣ་ཚོགས་ཡོད་པ་ལྟར་ལྟ་བ་འདི་འདྲ་ཞིག་གི་ཐོག་ཕྱིན་ན་ལེགས་པ་འདུག་ཟེར་བ་སོགས། གང་ལྟར་ལྟ་བ་འདྲ་མིན་ཁྱེར་མཁན་ནང་གསེས་ཀྱི་ཚོགས་པ་འདྲ་མིན་བཙུགས། དམིགས་ཡུལ་གཅིག་གྱུར་གྱི་སྒོ་ནས་སོ་སོའི་ལྟ་བ་འདྲ་མིན་ཁྱེར་མཁན་ཕན་ཚུན་བགྲོ་གླེང་བྱས། རྩོད་པ་རྩོད་སའི་ལམ་སྲོལ་ཞིག་གཏོད་དགོས་ཀྱི་འདུག” ཅེས་སོགས་མགོན་པོ་གང་གི་ལམ་སྟོན་འོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་འཁུར་ལ་བརྟེན་ནས་ཕྱི་ལོ་ ༡༩༩༤ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དངོས་སུ་དབུས་བརྙེས་པ་དང། ཚོགས་པའི་དབུ་འབྱེད་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་གནང་བ་མ་ཟད། དབུ་འབྱེད་མཛད་སྒོར་ ༸གོང་ས་མཆོག་གིས་གསུང་འཕྲིན་བསྩལ་ཡོད་ལ། གསུང་འཕྲིན་དེའི་ནང་” མ་འོངས་པར་བོད་འདི་དངོས་འབྲེལ་མང་གཙོ་མཚན་ཉིད་ཚང་ཞིང། ཡག་པོ་ཞིག་ཡོང་བའི་དོན་དུ་སྲིད་དོན་གྱི་ཚོགས་པ་འདྲ་མིན་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་རིང་ཁྱེད་རང་ཚོས་སྲིད་དོན་གྱི་ཚོགས་པ་ཞིག་བཙུགས་པ་འདིས། ཏན་ཏན་ང་ཚོའི་མ་འོངས་པའི་དམིགས་ཡུལ་རླབས་ཆེན་ཞིག་སྒྲུབ་པའི་ཐད་ལ་ཞབས་འདེགས་ངེས་ཅན་ཞིག་འགྲུབ་ངེས་རེད་དྲན་གྱི་འདུག “ཅེས་བཀའ་ཕེབས་ཡོད། ད་བར་བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པ། བཅུ་བཞི་པ་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་སྤྱི་འཐུས་སྐབས་ལྔའི་རིང་སྲིད་དོན་ཚོགས་པའི་འོས་འགན་ལྟར་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་འོས་གཞི་ཁྱབ་བསྒྲགས་ཀྱིས་ལས་འགན་འཁྱེར་ཡོད། དེ་བཞིན་འོས་བསྡུའི་ལས་རིམ་ནང་འཛིན་སྐྱོང་བཀའ་ཤག་གི་ཐད་ཆ་ཤས་ཤུགས་ཆེར་བླངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༡ ནས་མི་མང་གིས་ཐད་ཀར་འོས་འདེམས་ཀྱིས་བཀའ་བློན་ཁྲི་པ་སྐབས་དང་པོ་དང་སྐབས་གཉིས་པ། བཀའ་ཁྲི་སྐབས་གསུམ་པའམ་སྲིད་སྐྱོང་སྐབས་དང་པོ་དང་གཉིས་པ་བཅས་ལ་ཚོགས་པ་འདིས་སྔ་ཕྱིར་སྲིད་དོན་ཚོགས་པའི་བྱེད་སྟངས་སྤྱད་དེ་འགན་འཁུར་རིམ་པ་བླངས་ནས་མང་ཚོགས་ལ་འོས་ཤོག་གི་སྣེ་ཁྲིད་ཞབས་ཞུ་མཚན་ཉིད་ཚང་བ་ཞུས་ཡོད། དེའི་གྲུབ་འབྲས་དཔང་རྟགས་ལྟ་བུར་བཀའ་ཤག་གི་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་མོས་འདེམས་བྱེད་སྐབས། སྔ་རྗེས་སུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཏོན་པའི་བཀའ་ཁྲི་དང་སྲིད་སྐྱོང་འོས་གཞི་ཤ་སྟག་ལ་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་གཞི་ཁྱབ་བསྒྲགས་བྱེད་ཕྱོགས་ལའང་རང་འཁྲིའི་འགན་བབ་ཕྲག་ཏུ་བླངས་ཤིང་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ཕྱི་ལོ་ ༢༠༡༡ གི་བཀའ་ཤག་གསར་པའི་སྲིད་སྐྱོང་དང་༢༠༡༦ལོའི་སྲིད་སྐྱོང་མཆོག་ཉིད་ཀྱང་འདི་ག་མང་གཙོ་ཚོགས་པ་རང་ཉིད་ཀྱིས་འོས་སྟོན་ཞུས་པའི་བོད་ཀྱི་འཛིན་སྐྱོང་གི་དབུ་འཛིན་དེ་ཡིན།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་པའི་ལོ་དེར་ཚོགས་ཆེན་ཐེངས་དང་པོ་ཚོགས་ཏེ་དབུས་རྒྱུན་སྐབས་དང་པོ། ཕྱི་ལོ་ ༡༩༩༦ ལོར་ཚོགས་ཆེན་ཐེངས་གཉིས་པ་དང་དབུས་རྒྱུན་སྐབས་གཉིས་པ། ཕྱི་ལོ་ ༢༠༠༠ ལོར་ཚོགས་ཆེན་ཐེངས་གསུམ་པ་དང་དབུས་རྒྱུན་སྐབས་གསུམ་པ། ཕྱི་ལོ་ ༢༠༠༤ ལོར་ཚོགས་ཆེན་ཐེངས་བཞི་པ་དང་དབུས་རྒྱུན་སྐབས་བཞི་པ། ཕྱི་ལོ་ ༢༠༠༨ ལོར་ཚོགས་ཆེན་ཐེངས་ལྔ་པ་དང་དབུས་རྒྱུན་སྐབས་ལྔ་པ། ཕྱི་ལོ་ ༢༠༡༢ ལོར་ཚོགས་ཆེན་ཐེངས་དྲུག་པ་དང་དབུས་རྒྱུན་སྐབས་དྲུག་པ་༢༠༡༦ ལོར་ཚོགས་ཆེན་ཐེངས་བདུན་པ་དང་དབུས་རྒྱུན་སྐབས་བདུན་པ་རྣམས་རིམ་བཞིན་མང་གཙོའི་ལམ་སྲོལ་ལྟར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་ཡོད། ཚོགས་པ་འདིར་ཚོགས་མི་ ༥༠༠༠ ལྷག་ཡོད་ཅིང་ས་གནས་ཁག་ ༣༦ ཡོད་པ་དང་སྐབས་བདུན་པའི་དབུས་རྒྱུན་ནི། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ཚེས་ ༢༤ ནས་ ༢༦ བར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་བསྐྱངས་བ་བཅས་ཀྱི་ངོ་སྤྲོད་དུ།
དབུས་རྒྱུན་སྐབས་བདུན་པ།
ཚེ་བརྟན་ནོར་བུ།
སྤྱི་ཁྱབ་ཚོགས་གཙོ།
ཀརྨ་གཡང་གྲུབ།
སྤྱི་ཁྱབ་ཚོགས་གཞོན།
སྐལ་བཟང་ཕུན་ཚོགས།
དྲུང་ཆེ་གཞོན་པ།
ཚེ་རིང་དབྱངས་འཛོམས།
ཕྱི་འབྲེལ་འགན་འཛིན་དང་དངུལ་གཉེར་།
བསྟན་འཛིན་རྣམ་མཛེས།
དཔལ་འབྱོར་འགན་འཛིན།
རྒྱ་ཐང་སྤྲུལ་སྐུ་ཀུན་མཁྱེན་བྱམས་ཆེན་ཆོས་རྗེ།
དཔལ་འབྱོར་དོ་དམ།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་དང་པོ་ནས་བདུན་པ་བར་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཀྱི་མཚན་གཞུང་།
མཚན་གཞུང། | སྐབས། | ལས་གནས། |
---|---|---|
སྤྱི་འཐུས་ཀརྨ་ཆོས་འཕེལ | ༡ | སྤྱི་འཐུས་ཀརྨ་ཆོས་འཕེལ |
སྤྱི་འཐུས་ཀུན་དགའ་ཚེ་རིང་ | ༡ | སྤྱི་འཐུས་ཀུན་དགའ་ཚེ་རིང་ |
སྤྱི་འཐུས་ཀརྨ་རྒྱ་མཚོ | ༡ | སྤྱི་འཐུས་ཀརྨ་རྒྱ་མཚོ |
སྤྱི་འཐུས་ནམ་མཁའ་བསྟན་འཛིན | ༡ | སྤྱི་འཐུས་ནམ་མཁའ་བསྟན་འཛིན |
ཟླ་བ་ཚེ་རིང་ | ༡ | ཟླ་བ་ཚེ་རིང་ |
བྱ་ཉལ་ཚེ་རིང་ལྷ་སྐྱབས | ༡ | བྱ་ཉལ་ཚེ་རིང་ལྷ་སྐྱབས |
སྨན་པ་པད་མ་རྡོ་རྗེ | ༡ | སྨན་པ་པད་མ་རྡོ་རྗེ |
ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས | ༡ | ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས |
བློ་གྲོས་བཟང་པོ | ༡ | བློ་གྲོས་བཟང་པོ |
ལྷ་བཟང་ཚེ་རིང་ | ༡ | ལྷ་བཟང་ཚེ་རིང་ |
སྤྱི་ཟུར་ཀུན་དགའ་ཚེ་རིང་ | ༢ | ཚོགས་གཙོ |
སྤྱི་འཐུས་བློ་བཟང་སྙན་གྲགས | ༢ | ཚོགས་གཞོན |
བློ་གྲོས་བཟང་པོ | ༢ | ཚོགས་གཞོན |
ཟླ་བ་ཕུན་སྐྱིད | ༢ | དྲུང་ཆེ་དང་སྒྲིག་སྡོམ་པ |
ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོཌ | ༢ | སྤྱི་ཁྱབ་དྲུང་ཆེ |
ཚེ་ཕྱག་ཐུབ་བསྟན་སྙན་གྲགས | ༢ | སྤྱི་ཁྱབ་དྲུང་ཆེ |
ཚེ་རིང་ལྷ་སྐྱབས | ༢ | འཛིན་སྐྱོང་དྲུང་ཆེ |
ཀརྨ་ལེགས་བཤད | ༢ | ཟུང་དྲུང |
ཀརྨ་རྒྱ་མཚོ | ༢ | ཕྱི་དྲིལ་འགན་འཛིན |
དབུ་རྒྱན་ནོར་བུ | ༢ | དྲིལ་བསྒྲགས་འགན་འཛིན |
དོན་གྲུབ་ཚེ་རིང་ | ༢ | དཔལ་འབྱོར་དོ་དམ་པ |
བསོད་ནམས་ཆོས་སྒྲོན | ༢ | དངུལ་གཉེར |
བསྟན་དར | ༢ | མཐུན་འབྲེལ་འགན་འཛིན |
ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོཌ | ༣ | བར་བརྒལ་ཚོགས་གཙོ |
སྤྱི་འཐུས་བློ་བཟང་སྙན་གྲགས | ༣ | ཚོགས་གཞོན |
སྤྱི་ཟུར་ཀུན་བཟང་དཔལ་འབྱོར | ༣ | ཚོགས་གཞོན |
ཟླ་བ་ཕུན་སྐྱིད | ༣ | སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་པ |
ཚེ་ཕྱག་ཐུབ་བསྟན་སྙན་གྲགས | ༣ | སྤྱི་ཁྱབ་དྲུང་ཆེ་དང་སྒྲིག་འདོན་པ |
ཀརྨ་ལེགས་བཤད | ༣ | སྤྱི་ཁྱབ་དྲུང་ཆེ |
སྤྱི་ཟུར་ཀརྨ་རྒྱ་མཚོ | ༣ | ཕྱི་འབྲེལ་དྲུང་ཆེ |
བྱ་ཉལ་ཚེ་རིང་ལྷ་སྐྱབས | ༣ | འཛིན་སྐྱོང་དྲུང་ཆེ |
ཚེ་རིང་ཆོས་སྒྲོན | ༣ | ཟུང་འབྲེལ་དྲུང་ཆེ |
སྤོག་ར་དོན་གྲུབ་ཚེ་རིང་ | ༣ | ཟུང་འབྲེལ་དྲུང་ཆེ |
བསོད་ནམས་བཟང་པོ | ༣ | ཟུང་འབྲེལ་དྲུང་ཆེ |
བསྟན་པ་འཕྲིན་ལས | ༣ | ཟུང་འབྲེལ་དྲུང་ཆེ |
ཀོང་པོ་དོན་གྲུབ་ཚེ་རིང་ | ༣ | སྤྱི་གཉེར |
ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་སྒྲོན | ༣ | འབྲེལ་མཐུད་འགན་འཛིན |
སྨན་རྩིས་ཁང་ལས་བྱེད་ཚེ་རྣམ | ༣ | མཐུན་འབྲེལ་འགན་འཛིན |
ཡབ་ཆེན་པ་སངས་ཚེ་རིང་ | ༣ | དབུས་རྒྱུན་ཟུར་པ |
ཀརྨ་ཆོས་འཕེལ | ༤ | ཚོགས་གཙོ |
བསོད་ནམས་བཟང་པོ | ༤ | ཚོགས་གཞོན |
ཚེ་རིང་དབང་འདུས | ༤ | ཚོགས་གཞོན |
པདྨ་བསྟན་འཛིན | ༤ | ཟུང་འབྲེལ་དྲུང་ཆེ |
བྱམས་པ་ཆོས་འཕེལ | ༤ | ཟུང་འབྲེལ་དྲུང་ཆེ |
དོན་གྲུབ་ཚེ་རིང་ | ༤ | དཔལ་འབྱོར་དོ་དམ་པ |
ཨ་ཞང་ལྷག་པ་ཚེ་རིང་ | ༤ | དཔལ་འབྱོར་དོ་དམ་པ |
བསོད་ནམས་རྒྱལ | ༤ | ལས་བྱེད |
དབྱངས་སྒྲོལ | ༤ | ལས་བྱེད |
སངས་རྒྱས་དོན་འགྲུབ | ༤ | དང་བླང་ལས་བྱེད |
དབྱངས་ཅན་ལྷ་མོ | ༤ | དང་བླངས་ལས་བྱེད |
མཚོ་མོ | ༤ | དང་བླངས་ལས་བྱེད |
རིག་འཛིན་དབང་མོ | ༤ | དང་བླངས་ལས་བྱེད |
ཀུན་བཟང་དབང་མོ | ༤ | དང་བླངས་ལས་བྱེད |
འཆི་མེད་གཡུང་དྲུང་ | ༥ | ཚོགས་གཙོ |
ཨ་ཞང་ལྷག་པ་ཚེ་རིང་ | ༥ | ཚོགས་གཞོན |
དབུས་ཕྲུག་ཚེ་རིང་ | ༥ | སྤྱི་ཁྱབ་དྲུང་ཆེ |
དབྱངས་སྒྲོལ | ༥ | ཕྱི་འབྲེལ་དྲུང་ཆེ |
བསོད་ནམས་ཚེ་རིང་ | ༥ | ཟུང་དྲུང་ |
བསོད་ནམས་རྒྱལ | ༥ | ཟུང་དྲུང་ |
བསོད་ནམས་བཟང་པོ | ༥ | དྲིལ་བསྒྲགས་དྲུང་ཆེ |
དོན་གྲུབ་ཚེ་རིང་ | ༥ | དཔལ་འབྱོར་དོ་དམ་པ |
སྤུ་ཧྲེང་དཔལ་འབྱོར | ༥ | དཔལ་འབྱོར་དོ་དམ་པ |
པད་མ་དབྱངས་ཅན | ༥ | ལས་བྱེད |
བསྟན་འཛིན་དབང་དགའ | ༥ | ལས་བྱེད |
སྐལ་བཟང་ཚེ་རིང་ | ༥ | ལས་བྱེད |
སྒྲོལ་དཀར | ༥ | ལས་བྱེད |
ཟླ་བ་ཚེ་རིང་ | ༥ | དང་བླངས་ཞབས་ཞུ་བ |
སངས་རྒྱས་རྡོ་རྗེ | ༥ | དང་བླངས་ཞབས་ཞུ་བ |
ཡོན་ཏན | ༥ | དང་བླངས་ཞབས་ཞུ་བ |
བསྟན་འཛིན་བདེ་སྐྱིད | ༥ | དང་བླངས་ཞབས་ཞུ་བ |
བྱམས་པ | ༥ | དང་བླངས་ཞབས་ཞུ་བ |
དགེ་ལེགས་འཇམ་དབྱངས | ༦ | ཚོགས་གཙོ་ |
བཅུད་པར་གཡང་མཁོ་རྒྱལ | ༦ | ཚོགས་གཞོན |
བསྟན་འཛིན་རྒྱལ་མཚན | ༦ | ཚོགས་གཞོན |
སེར་སྨད་བློ་དགའ | ༦ | སྤྱི་ཁྱབ་དྲུང་ཆེ |
བསྟན་འཛིན་ཕུན་ཚོགས | ༦ | སྤྱི་ཁྱབ་དྲུང་ཆེ |
ཀརྨ་གཡང་གྲུབ | ༦ | ཟུང་དྲུང་ |
ཚེ་བརྟན་ནོར་བུ | ༦ | ཟུང་དྲུང་དང་མགྲིན་ཚབ་པ |
མཐའ་ཡས་རྒྱ་མཚོ | ༦ | ཟུང་དྲུང་ |
ཀརྨ་བསྟན་འཛིན | ༦ | ཟུང་དྲུང |
སྤུ་ཧྲེང་དཔལ་འབྱོར | ༦ | དཔལ་འབྱོར་དོ་དམ་པ |
ཚེ་རིང་རྡོ་རྗེ | ༦ | དཔལ་འབྱོར་དོ་དམ་པ |
བསྟན་འཛིན་རྣམ་མཛེས | ༦ | དྲིལ་བསྒྲཌ་དྲུང་ཆེ་དང་དངུལ་གཉེར |
འཇམ་པ་ཆོས་འཕེལ | ༦ | ཕྱི་འབྲེལ་དྲུང་ཆེ |
བསྟན་འཛིན་ཆོས་འཛོམས | ༦ | དཔལ་འབྱོར་དོ་དམ་པ |
བསྟན་འཛིན་དར་རྒྱས | ༦ | རྩིས་པ |
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཡན་ལག་ས་གནས་རྒྱུན་ལས་ཡོད་པ་ཁག་གཤམ་གསལ།
ས་གནས། |
---|
བདེ་སྐྱིད་གླིང་། |
རྡ་རམ་ས་ལ། |
ཀུ་ལུ་མཱ་ན་ལི། |
སྤོཀ་ར། |
ལ་དྭགས། |
སྦེ་ལ་ཀོབ། |
མོན་གྷོ། |
ཧོན་སུར། |
ཅྭན་དྷི་གྷར། |
སིམ་ལཱ། |
གྷོ་ཝ། |
ནཱ་སིག |
ལྡི་ལི། |
ཅི་ནཱཡི། |
བྷིང་ལོར། |
མན་སྤར་ཏྲི། |
སྦིར་ས་གནས། |
ཝཱ་རཱ་ན་སི། |
བྷན་དྷ་རཱ། |
རཱ་ཝང་བ། |
བལ་ཡུལ་ས་གནས། |
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འབྲེལ་མཐུད་པ་ཡོད་པའི་ས་གནས་ཁག
ས་གནས་། |
---|
པུ་ནེས། |
མེས་སོར། |
ཨ་རི། |
ཨོ་རི་ས། |
ཨོ་སི་ཏྲི་ལི་ཡ། |
དྷི་མ་སྤུར་དང་ཀོ་ཧི་མ། |
རྡོ་རྗེ་གླིང་། |
སུད་སི། |
ཐེ་ཝན། |
ཨི་ཏྲ་ལི། |
ཚོགས་མི།
ད་ལྟའི་ཆར་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཁག་བཅས་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མིར་དངོས་སུ་འཛུལ་ཞུགས་ཟིན་པའི་ཚོགས་མི་གྲངས་ ༥༠༠༠ ལྷག་ཡོད།